ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་སྲིད་འཛིན་ཨ་ལི་ཡེས་ཧྥུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  སྤྱི་ཟླ་12པའི་ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་ཚོགས་ཁང་ཆེན་པོའི་ནང་ཨ་ཟེར་བྷེ་ཇན་གྱི་སྲིད་འཛིན་ཨ་ལི་ཡེས་ཧྥུ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱིས་དབུ་ཁྲིད་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་བར་གྱི་འབྲེལ་བ་མུ་མཐུད་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་ལེགས་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མོས་མཐུན་བྱུང་།

  ཞི་ཅིན་ཕིང་གིས་ལོ་མང་པོའི་རིང་ལ། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་འདྲ་མཉམ་དང་བརྩི་འཇོག་གི་རྩ་དོན་ལྟར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ཞིང་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ། ཀྲུང་གོ་ཕྱོགས་ནས་ཨ་ཟེར་བྷེ་ཇན་དང་མཉམ་དུ་དངུལ་རྩ་དང་འགྲིམ་འགྲུལ་གྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ས་གནས་ཀྱི་རྒྱལ་ཁབ་སོ་སོར་མཉམ་དུ་འཕེལ་རྒྱས་སུ་འགྲོ་ཞིང་མི་དམངས་ཀྱི་མཛའ་འབྲེལ་འགྲོ་འོང་ལ་ཆ་རྐྱེན་ལེགས་པོ་བསྐྲུན་འདོད། ཕྱོགས་གཉིས་ཀྱི་རིག་གནས་དང་སློང་གསོའི་མཉམ་འབྲེལ་རྒྱ་སྐྱེད་པ། དེ་མིན་གྲོས་ཚོགས་དང་ཚོགས་པ། ན་གཞོན་རྩ་འཛུགས། འཕྲིན་སྦྱོར་བརྗེ་རེས་ལ་སྐུལ་འདེད་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱུས་ལོན་གོང་འཕེལ་དང་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གཉིས་ཀྱི་དུས་ཡུན་རིང་བའི་སྤྱི་ཚོགས་འཕེལ་རྒྱས་དང་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཀྲུང་གོ་ཕྱོགས་ནས་ཨ་ཟེར་བྷེ་ཇན་དང་ལྷན་དུ་བདེ་འཇགས་ཁྲིམས་བསྟར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

  ཨ་ལི་ཡེས་ཧྥུ་ཡིས་ང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་མོས་མཐུན་ཡོད། ཨ་ཟེར་བྷེ་ཇན་དང་ཀྲུང་གོ་གཉིས་ནི་གྲོགས་པོ་བཟང་པོ་ཡིན། ཉེ་བའི་ལོ་འདི་གའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་ཆོས་བརྗེ་རེས་ཀྱི་མཉམ་འབྲེལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་དྲང་ཕྱོགས་ཀྱི་ཕན་ནུས་ཐོན་ཡོད་ལ། ཨ་ཟེར་བྷེ་ཇན་ཕྱོགས་ནས་ཀྲུང་གོའི་འཐབ་ཇུས་འབྲེལ་བ་མངོན་འགྱུར་བྱུང་བ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱེད་པར་འདོད། ཨ་ཟེར་བྷེ་ཇན་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོ་བའི་གདེང་འཇོག་གནང་བཞིན་ཡོད་ལ། དེ་མིན་ཀྲུང་གོའི་རྒྱལ་སྤྱི་རྩ་འཛུགས་ཁྲོད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1