གཡག་རྔ་གྲོང་ཁྱེར་གྱི་བོད་རིགས་བུད་མེད་དགེ་རྒན་ཞིག་གི་དེབ་གསར་《བཀྲ་ཤེས་བྱིའུ།》ཨ་མེ་རི་ཁ་ནས་འགྲེམ་སྤེལ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-23


 
     རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་གཡག་རྔའི་བོད་རིགས་བུད་མེད་རྩོམ་པ་པོ་གངས་སྒྲོལ་བཀྲ་ཤིས་ཀྱིས་ཁམས་པའི་ཡུལ་སྲོལ་གོམས་གཤིས་དང་སྔོན་བྱུང་ལོ་རྒྱུས་རྒྱབ་ལྗོངས་བྱས་པའི་སྐུལ་ལྕག་སྒྲུང་རིང་《བཀྲ་ཤེས་བྱིའུ》ཞེས་པ་ཟླ་འདིའི་ཚེས་4ཉིན་ཨ་རིའི་ལུའོ་ཧྲན་ཅིའི་འཛམ་གླིང་ཉིན་རེའི་ཚགས་པར་ཁང་གིས་འཛུགས་གཉེར་བྱས་པའི་སྐབས་ལྔ་པའི་《ཚང་མས་དཔེ་དེབ་འབྲི།》ཞེས་པའི་བྱེད་སྒོའི་སྟེང་འགྲེམ་སྤེལ་བྱས།  མིག་སྔར། 《བཀྲ་ཤེས་བྱིའུ།》ཞེས་པའི་དཔེ་དེབ་འདི་ཨ་མེ་རི་ཁའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱེད་པར་ཕུལ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1