ཚེ་པོ་ཧྭས་དར་མདོ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ལ་ལྟ་སྐུལ་སློབ་སྟོན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


  སྤྱི་ཟླ་12པའི་ཚེས་20ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚེ་པོ་ཧྭ་དང་བཅས་པས་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ནས་དབུལ་སྒྲོལ་འགག་སྒྲོལ་སྤེལ་ཚུལ་ལ་ལྟ་སྐུལ་སློབ་སྟོན་གནང་བ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་ལས་བྱེད་པ་དང་བཞུགས་མོལ་གནང་། ཁོང་གིས་གནད་འཁེལ་དྲུག་སྔར་ལས་ལེགས་པར་བསྒྲུབ་དགོས་ཤིང་དབུལ་ཕོངས་ཡུལ་ཚོ་དང་དབུལ་པོའི་དུད་ཚང་ལ་དབྱེ་འབྱེད་གནད་འཁེལ་བྱེད་པར་སྐུལ་འདེད་བྱས་ཏེ་ལག་ལེན་ཤུགས་ཆེན་བསྟར་ནས་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་བྱེད་དགོས་ཤིང་། དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒུལ་ཤུགས་ཆེ་རུ་བཏང་ནས། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་གྱི་འགག་སྒྲོལ་གཡུལ་ཐབས་ལ་རྒྱལ་ཁ་ལེན་དགོས་ཞེས་བསྟན།།
  ཚེ་པོ་ཧྭ་ཡིས་དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་དུས་ཚོད་ཐུང་ཞིང་འོས་འགན་ལྕི། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མཐུན་སྦྱོར་རོགས་སྐྱོར་ཚན་པས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲི་སྔར་བས་ཇེ་ཆེར་གཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་ཐབས་ཤེས་བཟང་པོ་དང་བྱེད་ཐབས་ལེགས་པོ་འཚོལ་ཞིབ་བྱ་དགོས་པ་དང་། མཐོ་རིམ་སློབ་གྲྭའི་རྣམ་དཔྱོད་དང་ཤེས་ལྡན་པའི་ཁྱད་ཆོས།  ཁེ་ལས་ཀྱི་མ་དངུལ་རོགས་སྐྱོར་གྱི་དགེ་མཚན་དང་། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་སྤྱི་ཚོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་དབུལ་པོའི་དུད་ཚང་རེ་རེའི་དངོས་ཡོད་གནས་ཚུལ་ལ་གཞིག་སྟེ་རོགས་རམ་བྱ་རྒྱུའི་འཆར་གཞི་བཟོ་བ་དང་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་དབུལ་པོ་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་གྱི་གནད་དོན་ཆེན་པོ་གཉིས་ཐག་གཅོད་བྱས་ཏེ་དུས་གཅིག་དུ་འབྱོར་འབྲིང་སྤྱི་ཚོགས་འཇུགས་སྐྲུན་པའི་དུས་མཚུངས་སུ་ཡུལ་ཤོག་དང་ཡུལ་ཚོ། དུད་ཚང་། མི་སྒེར་གཅིག་ཀྱང་མི་ལྷག་ཐག་གཅོད་བྱ་དགོས་ཞེས་བསྟན།།
  བཞུགས་མོལ་ཚོགས་འདུའི་སྟེང་དར་མདོ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་ལས་ཀའི་སྐོར་གྱི་སྙན་ཞུ་ཕུལ་བ་དང་། དར་མདོ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། གློག་རྡུལ་ཚན་རྩལ་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་། ཏ་ཐང་རྒྱལ་སྤྱིའི་དཀར་མཛེས་ཆུ་གློག་ཀུང་སི་བཅས་ཀྱི་འགན་འཁུར་བས་སོ་སོའི་དབུལ་སྐྱོར་ལས་ཀའི་ཐད་ནས་བསམ་བློ་བརྗེ་རེས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1