ཆབ་མདོ་གྲོང་ཁྱེར་གྱིས་སྡོང་འཛུགས་ནགས་བསྐྲུན་བྱས་ཏེ་ནགས་ཚལ་ཁེབས་ཚད་38.63%ལ་ཟིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


       ཉེ་བའི་ལོ་ཤས་རིང་ལ་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་འཕེལ་རྒྱས་ཀྱི་རྨང་གཞི་དང་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཆེན་པོས་རྨོ་བསྐྱུར་ནགས་སྐྱོང་དང་བྱེ་ཐང་ཅན་བཅོས་སྐྱོང་། རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་སོགས་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་སྐུལ་འདེད་དུ་བཏང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། བསྡོམས་པས་མིས་བཟོས་པའི་ནགས་འཛུགས་མུའུ་64.22དང་། རི་སྲུང་ནགས་སྐྱོང་མུའུ་13.4ལེགས་འགྲུབ་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་38.63%ལ་ཟིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1