ལི་ཁེ་ཆང་གིས་ཨི་རག་གི་ཙུང་ལི་ཨ་པཱ་ཏི་དང་མཇལ་འཕྲད་གནང

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-24


  སྤྱི་ཟླ་12པའི་ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨི་རག་གི་ཙུང་ལི་ཨ་པཱ་ཏི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཨ་རག་ནི་ཀྲུང་གོའི་ཨེ་ཤ་ཡའི་ནུབ་ཕྱོགས་དང་ཨ་ཧྥེ་རི་ཀ་བྱང་ཕྱོགས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན། ཀྲུང་གོ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཨི་རག་གི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་གཅིག་གྱུར་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱ་ངེས། དེ་མིན་ཨི་རག་སྲིད་གཞུང་གི་རྒྱལ་ཁབ་ནང་ཁུལ་གྱི་ཆབ་སྲིད་འགལ་སེལ་དང་དཔལ་འབྱོར་བསྐྱར་བསྐྲུན། རྒྱལ་ཁབ་ནང་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏང་བར་རྒྱབ་སྐྱོར་བྱ་ངེས། ཀྲུང་གོའི་ཕྱོགས་ནས་ཨི་རག་དང་མཉམ་དུ་གོམ་གང་མདུན་སྤོས་སྒོས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་སྐུལ་འདེད། མི་ཆོས་རིག་གནས་ཀྱི་བརྗེ་རེས་ལ་ཤུགས་སྣོན། ཨི་རག་གི་འཐབ་ཇུས་མཛའ་འབྲེལ་གྱི་ནང་དོན་གྱ་ནོམ་ཅན་དུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་འབྲས་བུ་ལོན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ཨ་པཱ་ཏི་ཡིས་ཨི་རག་དང་ཀྲུང་གོའི་མཛའ་བརྩེ་འབྲེལ་བའི་ལོ་རྒྱུས་ཤིན་ཏུ་རིང་། ཨི་རག་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་བོར་ཨི་རག་དཔལ་འབྱོར་འཕེལ་རྒྱས་དང་གཏན་འཇགས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། དེང་སྐབས་ཨི་རག་དཔལ་འབྱོར་བསྐྱར་དང་དམངས་འཚོ་ལེགས་བཅོས་བྱེད་པའི་སྐབས་ལ་འཁེལ་འདུག ཨི་རག་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་རྡོ་སྣུམ། གློག་ཤུགས། འཕྲིན་སྦྱོར་སོགས་ཁྱབ་ཁོངས་ཀྱི་དུས་ཡུན་རིང་བའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་སྤེལ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1