ཞི་ཅིན་ཕིང་གིས་འཕྲིན་ཡིག་གི་ལམ་ནས་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་བཙུགས་ནས་ལོ་འཁོར་60ལོན་པར་རྟེན་འབྲེལ་ཞུས་པ་དང་ཞི་ཁེ་ཆང་གིས་མཛུབ་སྟོན་གནང་སྟེ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-24


  སྤྱི་ཟླ་12པའི་ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་གི་ལམ་ནས་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་བཙུགས་ནས་ལོ་འཁོར་60ལོན་པར་རྟེན་འབྲེལ་ཞུས་པ་དང་དུས་ཡུན་རིང་བོར་སྨན་པའི་ལས་གནས་སུ་ལས་ཀ་གཉེར་བཞིན་པའི་བློ་མཐུན་དག་ལ་འཚམས་འདྲི་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གནང་སྟེ་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལས་ལོ་ངོ་60ཡི་ནང་དུ་ཀྲུང་གོའི་ཀྲུང་ལུགས་ཚན་རིག་ཁང་གིས་གསར་གཏོད་ཡར་བརྩོན་བྱས་ཏེ་ཚན་རིག་ཞིབ་འཇུག་དང་འཕྲོད་བསྟེན་ཞབས་ཞུ། མི་སྣ་གསོ་སྦྱོང་། རྒྱལ་སྤྱིའི་བགྲོ་གླེང་སོགས་ཀྱི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས་པ་རེད། ཐོའུ་ཡོའུ་ཡོའུ་ཞིབ་འཇུག་པ་དཔེ་མཚོན་ཡིན་པའི་མི་རབས་སོ་སོའི་གསོ་རིག་འཇོན་མི་དག་གིས་དཀའ་སྤྱད་འབད་བརྩོན་སྒོས་ཀྲུང་ལུགས་གསོ་རིག་གི་བྱ་བཞག་དང་མིའི་རིགས་ཀྱི་བདེ་ཐང་ཐད་ལ་མཛད་རྗེས་བླ་མེད་བཞག་པ་རེད་ཅེས་བསྟན།

  ལི་ཁེ་ཆང་གིས་མཛུབ་སྟོན་གནང་སྐབས་ཀྲུང་གོའི་ཀྲུང་ལུགས་གསོ་རིགས་ཚན་རིག་ཁང་བཙུགས་ནས་ལོ་འཁོར་60འགོར་བའི་རིང་ལ་སྔར་སྲོལ་རྒྱུན་འཛིན་དང་དུས་བབ་འོས་བསྟུན་སྒོས་ཆིན་ཀོའོ་སོའུ་ཚབ་མཚོན་དུ་གྱུར་བའི་གྲུབ་འབྲས་ཁག་ཅིག་བླངས་པ་རེད། ཀྲུང་ལུགས་སྨན་རྫས་ཞིབ་འཇུག་དང་སློབ་ཁྲིད། ལག་རྩལ་ཞབས་ཞུ་སོགས་ཀྱི་ཕྱོགས་ལ་གྲུབ་འབྲས་བཟང་པོ་ཐོབ། ཐོའུ་ཡོའུ་ཡོའུ་ཚབ་མཚོན་ཡིན་པའི་ཕུལ་བྱུང་ཞིབ་འཇུག་པ་ནི་ཀྲུང་ལུགས་གསོ་པ་རིག་པའི་སྡེ་ཡི་ང་རྒྱལ་ཡིན་པར་མ་ཟད་ཚན་རིག་ཁྱབ་ཁོངས་ཀྱི་ང་རྒྱལ་ཡང་རེད། རྒྱ་ཆེའི་ཀྲུང་ལུགས་གསོ་རིག་ཐད་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱིས་གོམ་གང་མདུན་སྤོས་སྒོས་འགན་འཁྲིའི་འདུ་ཤེས་མཐོར་འདེགས་སུ་གཏང་སྟེ་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་འོས་འགན་ཕྲག་ཏུ་ལེན་དགོས། དམངས་ཚོགས་ཀྱི་བདེ་ཐང་དགོས་མཁོ་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པར་དམིགས་ཏེ་ཀྲུང་ནུབ་གསོ་རིག་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པ་བྱ་དགོས་པར་མ་ཟད། དེང་རབས་ལག་རྩལ་ལ་བརྟེན་ཏེ་སྨན་རྫས་གསར་བ་གསར་གཏོད་དང་ནད་ཡམས་སྔོན་འགོག་སོགས་གོང་འཕེལ་དུ་གཏང་དགོས། དེ་མིན་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་མི་དམངས་ལ་ཞབས་ཞུ་དང་མེས་ཀྱི་གསོ་རིག་གཏེར་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏང་བ། མི་དམངས་ཀྱི་བདེ་ཐང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1