དཀར་མཛེས་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པའི་ཆོག་མཆན་ཐོབ་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-25


     གསར་འགོད་པས་སྤྱི་ཟླ་12པའི་ཚེས་23ཉིན་སི་ཁྲོན་དཀར་མཛེས་གེ་སར་གནམ་གྲུ་ཐང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ལས་རྒྱུས་ལོན་བྱས་པ་ལྟར་ན།  དཀར་མཛེས་ཀྱི་གནམ་གྲུ་ཐང་འཛུགས་སྐྲུན་གྱི་ལས་གཞིར་སྤྱི་ཟླ་12པའི་ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཆོག་མཆན་གནང་། གནམ་གྲུ་ཐང་ལེགས་འགྲུབ་བྱུང་རྗེས་ཁྲེན་ཏུའུ་ནས་དཀར་མཛེས་རྫོང་ལ་དུས་ཚོད་གཅིག་གི་ལམ་ཐག་ལས་ཡོད་པ་མ་རེད།
     དཀར་མཛེས་ཀྱི་གནམ་གྲུ་ཐང་ལ་འགྲོ་བའི་གཞུང་ལམ་2014ལོའི་སྤྱི་ཟླ་1པོའི་ཚེས་29ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། མིག་སྔར་ལམ་གཞིའི་ཨར་ལས་ཀྱི་ལས་ཀ་ལེགས་གྲུབ་ཟིན་ཡོད་ལ། ར་བ་ཕྱི་རོལ་གྱི་གློག་མཁོ་སྤྲོད་ལས་གཞིའི་སྒྲིག་སྦྱོར་ལེགས་འགྲུབ་བྱུང་སྟེ་སྙན་ཞུ་ཡར་སྤྲོད་བྱས། ས་རྡོ་དང་རྩིག་རྨང་གི་ཐག་གཅོད་ཚོད་ལྟའི་དུས་མཚམས་ཇུས་གཞིར་སྤྱི་ཟླ་11པའི་ནང་ཞིབ་དཔྱད་གྲོས་འཆམ་བྱུང་། འཆར་གཞི་ལྟར་ན་ད་ལོའི་སྤྱི་ཟླ་12པའི་མཇུག་ཏུ་འཛུགས་སྐྲུན་གྱི་འགོ་ཚུགས་རྒྱུ་རེད།
     དཀར་མཛེས་ཀྱི་གནམ་གྲུ་ཐང་བསྐྲུན་རྗེས། སྐྲུན་ཟིན་པའི་དར་མདོའི་གནམ་གྲུ་ཐང་དང་འདབ་པ་ཉི་བརྟེན་གནམ་གྲུ་ཐང་བསྣན་ཚེ་མིག་སྔར་དཀར་མཛེས་ཁུལ་ལ་བསྡོམས་པའི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1