ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་ཀའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-25


     སྤྱི་ཟླ་12པའི་ཚེས23ཉིན། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་ཀའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་2016ལོའི་གཙོ་གནད་ལས་ཀའི་སྙན་ཞུ་སོགས་ལ་ཉན་པ་དང་། ཐེངས་འདིའི་ཚོགས་འདུ་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གཙོ་སྐྱོང་གནང་། 
     ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་གི་རང་རེའི་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད།  བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་ཀ་བཅས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད། སང་ལོའི་ལས་ཀའི་འབྲེལ་ཡོད་བླང་བྱ་བཏོན། ལས་འགན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས། སྔར་བས་བརྟན་པོའི་རྣམ་འགྱུར་དང་སྔར་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་ཀ་དམ་འཛིན་ཡག་པོ་བྱེད་དགོས་པར་ནན་བཤད་གནང་། ཁྲིམས་སྐྱོང་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་དུ་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བྱེད་པ་དང་གནད་དོན་བཅོས་སྒྲིག་གི་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་རྨང་གཞི་ལ་ཤུགས་སྣོན་བྱ་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནན་ཏན་གྱི་སྙིང་སྟོབས་དང་དོན་དངོས་ཀྱི་སྤྱོད་ཚུལ་གྱིས་ལས་ཀ་ཁག་གི་བཀོད་སྒྲིག་ཞིབ་ཕྲ་དང་དངོས་ཡོད་ལ་གཞོལ་དུ་བཅུག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1