སི་ཁྲོན་ཞིང་ཆེན་དམངས་ཡོངས་ཀྱི་དཔེ་ཀློག་ལས་ཀའི་སྐུལ་འདེད་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


  སྤྱི་ཟླ་12པའི་ཚེས་25ཉིན། སི་ཁྲོན་ཞིང་ཆེན་དམངས་ཡོངས་ཀྱི་དཔེ་ཀློག་ལས་ཀའི་སྐུལ་འདེད་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རླུང་བརྙན་འཕྲིན་ཅུས། སི་ཁྲོན་ཞིང་ཆེན་དམངས་ཡོངས་དཔེ་ཀློག་མཛུབ་ཁྲིད་ཨུ་ལྷན་བཅས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཀའི་ཨུ་ཡོན་ལྷན་ཁང་དང་། སི་ཁྲོན་ཉིན་རེའི་ཚགས་པར། ཁྲེན་ཏུའུ་གྲོང་ཁྱེར་རིག་གནས་དང་རླུང་བརྙན་འཕྲིན་གློག་བརྙན་ཅུས། དེ་བཞིན་ཙི་ཀུང་དང་། ཕན་གྲུ་ཧྭ། ལེ་ཧྲན་སོགས་གྲོང་ཁྱེར་དང་ཁུལ་68ཀྱི་འབྲེལ་ཡོད་སྡེ་ཁག་དག་གིས་2015ལོའི་དཔེ་ཆའི་ལོངས་སྤྱོད་དང་དམངས་ཡོངས་དཔེ་ཀློག་ཅེས་པའི་བྱེད་སྒོའི་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གཟེངས་བསྟོད་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1