སི་ཁྲོན་འབྲོག་ཁུལ་དུ་གཞི་རྩའི་རྩྭ་ཐང་མུའུ་ཁྲི་21325དབྱེ་འབྱེད་གཏན་འབེབས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


  གསར་འགོད་པས་སྤྱི་ཟླ་12པའི་ཚེས་25ཉིན་ཞིང་ཆེན་ཞིང་ལས་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར་རང་རེའི་ཞིང་ཆེན་གྱིས་འབྲོག་ཁུལ་གྱི་རྫོང་ཁག་48ཀྱི་གཞི་རྩའི་རྩྭ་ཐང་གི་དབྱེ་མཚམས་ལས་ཀའི་གྲུབ་འབྲས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་ཕྱོགས་བསྒྲིགས་བྱས་ཤིང་འབྲོག་ཁུལ་གྱི་རྫོང་ཁག་སོ་སོའི་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་བྱས་ནས་གཞི་རྩའི་རྩྭ་ཐང་མུའུ་ཁྲི་21325དབྱེ་འབྱེད་བྱས་ཡོད་པ་གཏན་འཁེལ་བྱས་། འདིས་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་གྱི་86.7%ཟིན། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་གཞི་རྩའི་རྩྭ་ཐང་གི་དབྱེ་མཚམས་འབྱེད་པའི་ལས་ཀ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1