ཞིང་ཆེན་དཔེ་མཛོད་ཁང་གི་དཔེ་རྙིང་སྤུས་ལེགས་འགྲེམས་སྟོན་བྱེད་པའི་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


  སྤྱི་ཟླ་12པའི་ཚེས་26ཉིན། ཞིང་ཆེན་དཔེ་མཛོད་ཁང་གི་ལོ་བརྒྱའི་སི་ཁྲོན། སྤུས་ལེགས་དཔེ་རྙིང་ཞེས་པའི་འགྲེམ་སྟོན་བྱེད་འགོ་བཙུགས་པ་དང་དཔེ་མཛོད་ཁང་གསར་པའི་སྒོ་འབྱེད་མཛད་སྒོ་དེ་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱིན་ལེ་་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་། ཞིང་དཔོན་གཞོན་པ་ཧང་ཡན་རུང་གིས་མཛད་སྒོར་གཙོ་སྐྱོང་གནང་།

  དབྱིན་ལེ་ཡིས་ཞིང་ཆེན་དཔེ་མཛོད་ཁང་གསར་པ་བསྐྲུན་ནས་སྒོ་ཕྱེ་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱིའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཡོད་པ་མཚོན་ཡོད་ལ། རང་རེའི་ཞིང་ཆེན་གྱི་དཔེ་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བཞིན་པའང་མཚོན།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྔར་ལས་ལྷག་པར་སྟབས་བདེ་དང་མགྱོགས་མྱུར་ངང་དཔེ་མཛོད་ཁང་གི་ཐོན་ཁུངས་བེད་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་ཡོད། དེ་མིན་པྰ་ཧྲུའུ་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད། དམངས་ཡོངས་ཀྱི་རིག་གནས་སྤུས་ཚད་ཡར་ཐོན་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1