ཨ་རི་དང་ཡོ་རོབ་ཀྱིས་དབྱི་རན་ལ་གཏད་པའི་དཔལ་འབྱོར་བཀག་སྡོམ་ཕྱིར་འཐེན་བྱས་པར་ཕྱོགས་སོ་སོའི་དགའ་བསུ་ཐོབ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-18


      ཚེས་16ཉིན་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཁྱོན་ཡོངས་ནས་གྲོས་འཆམ་བྱུང་པའི་ལག་བསྟར་ཉིན་མོ་ཡིན། ཉིན་དེ་གར་རྒྱལ་སྤྱིའི་ཉིང་རྡུལ་ནུས་ཤུགས་ལས་ཁུངས་ཀྱིས་སྙན་ཞུ་བསྒྲགས་ཏེ་དབྱི་རན་གྱིས་ཁྱོན་ཡོངས་ནས་གྲོས་འཆམ་ལག་བསྟར་མགོ་བཙུགས་པའི་དགོས་ངེས་ཀྱི་གྲ་སྒྲིལ་གོ་རིམ་ར་སྤྲོད་བྱས། ཨ་རི་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་སྐབས་བསྟུན་ཁྱབ་བསྒྲགས་བྱས་པ་ལྟར་ན། དབྱི་རན་གྱིས་ཁྱོན་ཡོངས་ནས་གྲོས་འཆམ་དམ་བཅའ་བསྒྲུབ་པར་དམིགས་ཏེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་དང་འབྲེལ་བའི་རྒྱལ་ཁབ་མང་པོ་དང་རྒྱལ་ཁབ་གཅིག་པའི་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུ་ཡིན། དབྱི་རན་སྲིད་འཛིན་ལུའུ་ཧ་ཉི་ཡིས་ཉིན་དེ་གར་དྲ་ཐོག་ཏུ་རྒྱལ་སྤྱིའི་ཉིང་རྡུལ་ནུས་ཤུགས་ལས་ཁུངས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཐག་གཅོད་བྱས་པར་དགའ་བསུ་ཞུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1