ཞི་ཅིན་ཕིང་གིས་2016ལོའི་རྒྱ་གར་གྱི་ཀྲུང་གོའི་ཡུལ་སྐོར་ལོ་ཞེས་པའི་མཛད་སྒོ་སྤེལ་བར་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


  སྤྱི་ཟླ་1པའི་ཚེས་16ཉིན། ཀྲུང་གོའི་ཡུལ་སྐོར་ལོ་ཞེས་པའི་མཛད་སྒོ་ཚེས་14ཉིན་ངྷེ་ལི་གསར་བ་ནས་བསྡུས་ཤིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།
  ཞི་ཅིན་ཕིང་གིས་ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་འགོ་ཚུགས་པར་སྤྲོ་སེམས་འཁོརལ་བའི་ངང་རྟེན་འབྲེལ་ཞུས་ཤིང་མཛའ་བརྩེ་ལྡན་པའི་རྒྱ་གར་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་ཞིང་། ལོ་ངོ་སྟོང་ཕྲག་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་བརྗེ་རེས་འགྲོ་འོང་བྱས་ཏེ་འཛམ་གླིང་གི་རིག་གནས་བརྗེ་རེས་ཀྱི་དཔེ་སྟོན་དུ་གྱུར་ཡོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་དང་རྒྱ་གར་གྱི་ས་ཁུལ་སོ་སོར་ཕན་ཚུན་ཁ་གསབ་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ལ། མཉམ་འབྲེལ་གྱི་མདུན་ལྗོངས་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བཤེས་དར་སྤེལ་གཏང་སྟེ་གཉིས་ཕན་མཉམ་འབྲེལ་ལ་ཤུགས་སྣོན་དང་མི་ཆོས་བརྗེ་རེས་རྒྱ་བསྐྱེད་དེ་འཛམ་གླིང་དང་ཞི་བདེ། འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།
  ཞི་ཅིན་ཕིང་གིས་ཕན་ཚུན་བར་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་བ་ནི་2014ལོར་ང་རང་རྒྱ་གར་ལ་འཚམས་འདྲིར་ཡོང་དུས་ཙུང་ལི་མོའོ་ཏིས་དང་མཉམ་དུ་གཏན་ཁེལ་བྱས་པ་ཡིན་ཞེས་གསུངས་ལ། ང་ཚོ་2015ལོར་ཀྲུང་གོ་ནས་རྒྱ་གར་ཡུལ་སྐོར་ལོའི་བྱེད་སྒོ་རྒྱལ་ཁའི་ངང་སྤེལ་བར་དགའ་སྤྲོ་སྐྱེས་བཞིན་ཡོད། ཕྱོགས་གཉིས་ཀྱིས་འབད་པ་ཆེན་པོས་རྒྱ་གར་གྱིས་བསྒྲུབ་པའི་ཀྲུང་གོའི་ཡུལ་སྐོར་ལོའི་གོ་སྐབས་ལ་བརྟེན་ནས་རིག་གནས་བརྗེ་རེས་དང་མི་སྣ་འགྲོ་འོང་གི་རྒྱ་སྐྱེད་དེ་ཀྲུང་གོ་དང་རྒྱ་གར་བར་གྱི་སྔར་ལས་ལེགས་པའི་འཐབ་ཇུས་འབྲེལ་བར་འཕེལ་རྒྱས་སུ་གཏང་བར་གསོན་ཤུགས་གསར་པ་བསྣན་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1