མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་ལ་ཚད་རིམ་6.4ཅན་གྱི་ས་འགུལ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


  ཀྲུང་གོ་ས་འགུལ་དྲ་བར་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ1པོའི་ཚེས21ཉིན་གྱི་ཆུ་ཚོད1དང་སྐར་མ13སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང(བྱང་འཕྲེད་ཚད་ཏུའུ37.68དང་། ཤར་གཞུང་ཚདཏུའུ101.62)ལ་ཚད་རིམ་6.4ཅན་གྱི་ས་འགུལ་བྱུང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ10འདུག

  གསར་འགོད་པས་མིན་ཡོན་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་དེའི་འཕྲིན་གཏོང་བདེ་འཇགས་ཡིན་ལ། གྲོང་མི་རྣམས་ཕྱི་རོལ་དུ་ཉེན་འགོག་བྱེད་བཞིན་ཡོད། མཚོ་སྔོན་ས་འགུལ་ཅུས་ཀྱིས་བཀོད་པའི་གནས་ཚུལ་ལྟར་ན། མིག་སྔར་མིན་ཡོན་རྫོང་དུ་མི་སྣར་རྨས་སྐྱོན་ཕོག་པ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་གང་ཡང་མི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1