བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་བསྒྱུར་བཀོད་དང་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཐོབ་པ་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


     སྤྱི་ཟླ་1པོའི་ཚེས་25ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཚོགས་ཆུང་ཁག་བགོས་ནས་གྲོས་ཞིབ་གནང་། འཐུས་མི་ཚོགས་ཁག་སོ་སོས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་དམིགས་ཏེ་གྲོས་བསྡུས་བྱས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་དང་། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་གཞོན་པ། ཞིང་དཔོན་འཐུས་ཚབ་པ་དབྱི་ལེ་གཉིས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱས་ཏེ་སོ་སོ་ཁྲེན་ཏུའུ་དང་རྔ་བའི་འཐུས་མི་ཚོགས་པའི་ཚོགས་ར་ལ་ཞུགས་ནས་གྲོས་ཞིབ་བྱས་ཤིང་གཏམ་བཤད་གནང་། 
     ཝང་ཏུང་མིང་ཁྲེན་ཏུའུ་འཐུས་མི་ཚོགས་པར་ཞུགས་ནས་གྲོས་ཞིབ་གནང་སྐབས་གཏམ་བཤད་གནང་། ཁོང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་འཆར་འགོད་རྩ་གནད་དེར་ཡོངས་སུ་མོས་མཐུན་ཡོད་པ་བསྟན། ཝང་ཏུང་མིང་གིས་ཁྲེན་ཏུའུ་ནི་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྲོད་གནས་འབབ་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་ལ་འཕེལ་རྒྱས་ཀྱི་གནས་སྟངས་རྒྱུན་འཁྱོངས་བྱས་ཡོད་ལ། ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ནི་རང་རེའི་ཞིང་ཆེན་དང་རྒྱལ་ཡོངས་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་སྐབས་ཤིག་ཡིན། ཁྲེན་ཏུའུ་གྲོང་ཁྱེར་གྱིས་ཡང་དག་པའི་སྒོ་ནས་གནས་བབས་གསར་བ་དང་ལས་འགན་གསར་བ་དམ་འཛིན་བྱས་ཤིང་། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། འདེགས་སྐྱོར་གཅིག་ཡག་པོ་བྱེད་དགོས་ལ། འགག་སྒྲོལ་ལྔ་མངོན་འགྱུར་བྱེད་པ་དང་། འགན་ལེན་གཅིག་ཤུགས་ཆེ་རུ་གཏང་ནས། སི་ཁྲོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང་། དཔལ་འབྱོར་སྟོབས་ལྡན་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དེ་ལས་ཆེ་བའི་བྱས་རྗེས་གསར་པ་འབུལ་བའི་རེ་བ་ཡོད་ཅེས་བསྟན།
    དབྱི་ལེ་རྔ་བའི་འཐུས་ཚོགས་ཀྱི་གྲོས་ཞིབ་ནང་ཞུགས་སྐབས་གསུང་རྒྱུར། སྲིད་གཞུང་གི་ལས་ཀའི་སྙན་ཞུ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་དང་། རང་རེའི་ཞིང་ཆེན་གྱི་གནས་ཚུལ་དང་དམ་པོར་ཟུང་འབྲེལ་བྱས་ནས་གྲུབ་པ་ཡིན།
    ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འབད་འཐབ་དམིགས་འབེན་དང་ད་ལོའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱ་དགོས་ན། གནོན་ཤུགས་དང་འགྲན་སློང་ལ་འཕྲད་སྲིད་པར་མ་ཟད། རྨང་གཞི་དང་ཆ་རྐྱེན་ཡང་ལྡན་པས། གནད་འགག་ནི་ལས་ཀའི་ལག་བསྟར་དམ་འཛིན་བྱ་དགོས་དེ་རེད། 
    ཚང་མས་ཡང་དག་པའི་སྒོ་ནས་དམིགས་སྔའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་གནས་བབས་ལ་རྒྱུས་ལོན་བྱེད་དགོས་པ་དང་། ཡིད་ཆེད་བརྟན་པོ་དང་བློ་བརྩེ་གཅིག་སྒྲིམ། འབད་འབུངས་འཇོན་ལྡན་གྱི་སྒོ་ནས་དམིགས་ཚད་གྱི་འགན་འཁུར་མངོན་འགྱུར་བྱུང་བར་ཁག་ཐག་བྱ་དགོས།
    རྔ་བས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་འཐབ་རྩོད་སྤེལ་དགོས་པ་དང་། ནན་ཏན་སྒོས་བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱེད་པ་དང་། དགོན་སྡེ་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཟབ་མོ་ཡོད་པའི་དམངས་འཚོའི་འགན་སྲུང་ལས་ཀ་ཡག་པོ་བསྒྲུབ་ཅིང་། བྱེད་ཤུགས་ཡོད་ཚད་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་ཡོང་བ་ཁག་ཐག་བྱ་དགོས། ཧུར་ཐག་སྒོས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོ་འགྲོ་དགོས་པ་དང་། སྲུང་སྐྱོབ་ཆེན་པོ་རྒྱུན་འཁྱོངས་བྱེད་པ། གསར་སྤེལ་ཆེན་པོ་ལག་བསྟར་མི་བྱེད་པ། གཙོ་གཟུགས་བྱེད་ནུས་ཁུལ་གྱི་འཕེལ་རྒྱས་གཏན་འབེན་ནན་མོའི་ངང་ལག་བསྟར་བྱེད་པ་དང་། དེ་མིན་སྐྱེ་ཁམས་སྲུང་སྐྱོང་གི་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ་ཤུགས་ཆེན་པོས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེད་ཁམས་སྲུང་ཁེབས་འཛུགས་བསྐྲུན་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དཔལ་འབྱོར་འཕར་སྣོན་བརྟན་པོ་བྱས་ཤིང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ནས། ཧུར་ཐག་སྒོས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1