ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


  སྤྱི་ཟླ་1པའི་ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་གཙོ་སྐྱོང་མཛད་དེ་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཇུས་གཞི་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ཇུས་འགོད། ནགས་ཚལ་སྐྱེས་ཁམས་བདེ་འཇགས་བྱ་བའི་ཐད་ལ་ཞིབ་འཇུག་གནང་། ཞི་ཅིན་ཕིང་གིས་མཁོ་འདོན་ལོགས་ཀྱིས་སྒྲིག་གཞི་རང་བཞིན་གྱི་རྩ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཀྱི་མཐོར་འདེགས་དང་མི་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལེགས་བསྟར་ལེགས་པོ་བྱེད་པ་ཡིན་ལ། འོས་མཐུན་སྒོས་སྤྱིའི་དགོས་མཁོ་རྒྱ་སྐྱེད་པའི་དུས་མཚུངས་སུ་ཐོན་ནུས་དང་མཛོད་ཉར། བུ་ལོན་མེད་པར་གཏང་བ་དང་། དེ་མིན་མ་དངུལ་ཇེ་དམའ་རུ་གཏང་བ་དང་མི་འདས་ས་ཁ་གསབ་བྱས་ཏེ་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྤུས་ལེགས་མཁོ་འདོན་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད། ཕན་ཡོན་མེད་པའི་མཁོ་འདོན་ཇེ་ཉུང་དང་ཕན་ནུས་ལྡན་པའི་མཁོ་འདོན་གྱི་རྒྱ་སྐྱེད་དེ་མཁོ་འདོན་སྒྲིག་གཞིའི་བབ་མཐུན་རང་བཞིན་དང་སྟབས་བསྟུན་རང་བཞིན་མཐོར་འདེགས་དང་གྲུབ་ཆ་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་མཐོར་འདེགས་སུ་གཏང་ནས་མཁོ་འདོན་མ་ལག་སྔར་ལས་ལེགས་པའི་སྒོ་ནས་དགོས་མཁོའི་སྒྲིག་གཞི་འགྱུར་ལྡོག་དང་མཐུན་པར་བྱ་དགོས་ཞེས་བསྟན་།
  ཞི་ཅིན་ཕིང་གིས་ཇུས་གཞི་གཏན་འཁེལ་བཟང་བོ་བྱེད་པ་ནི་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞི་ཡིན་པས། བསམ་བློའི་ངོས་ཟིན་དེ་ཏང་ཀྲུང་དབྱང་གི་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་བའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱ་དགོས། ཐོན་ནུས་དང་མཛོད་ཉར། བུ་ལོན་མེད་པར་གཏང་བ་དང་། དེ་མིན་མ་དངུལ་ཇེ་དམའ་རུ་གཏང་བ་དང་མི་འདས་ས་ཁ་གསབ་བྱེད་པ་བཅས་ནི་ལས་ཀའི་གནད་ཆེ་སར་འཛིན་དགོས་ལ། དེ་ནི་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་བརྩམ་པ་དང་འབྲེལ་བ་དམ་པོ་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཡིད་ཆེས་ཆེན་པོ་དང་བློ་བརྟན་འགྱུར་མེད་སྒོས་དོན་དངོས་དང་མཐུན་པའི་ཕན་འབྲས་ཆེན་པོ་ལེན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1