ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-05


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་2པའི་ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ། གཉིས་གཏོད་རྟེན་གཞི་འཛུགས་སྐྲུན་གྱིས་ཀུན་གཏོད་བར་སྟོང་གོང་འཕེལ་གཏོང་པར་བཀོད་སྒྲིག་བྱས་ནས་འགུལ་ནུས་གསར་པ་གསོ་སྐྱོང་ཇེ་མགྱོགས་བཏང་། རེས་སྐོར་གསར་པའི་ཞིང་གྲོང་གློག་དྲ་བསྒྱུར་བཀོད་ཀྱི་རིམ་སྤོར་ལས་གྲྭ་ལག་བསྟར་བྱེད་པ་དང་། མི་འདང་ས་ཁ་གསབ་དང་གྲུབ་ཆ་སྙོམས་སྒྲིག་བྱས་པ་བརྒྱུད་དེ་དཔལ་འབྱོར་བརྟེན་པོའི་ངང་འཕར་ཞིང་དམངས་འཚོ་ལ་ཕན་པ་བྱས། གོམ་གང་མདུན་སྤོས་སྒོས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ལ་རོགས་སྐྱོར་དང་བསྙེན་བཀུར་བྱེད་དེ་རྨང་གཞིའི་འཚོ་བའི་འགན་སྲུང་དངོས་སུ་ཁག་ཐེག་ཡོང་བ་བཀོད་སྒྲིག་བྱས། 《རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་སྲོལ་ཡིག(འཆར་ཟིན།)》གཏན་འབེབས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1