ཡུས་ཀྲེན་ཧྲེང་གིས་ཁམ་བྷོ་དི་ཡའི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-05


  སྤྱི་ཟླ་2པའི་ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་བྷོ་དི་ཡའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཞོར་དུ་ཕྱི་འབྲེལ་རྒྱལ་སྤྱིའི་མཉམ་འབྲེལ་བློན་ཆེན་གྱི་འགན་འཛིན་པ་ཧི་ནན་ཧོང་དང་མཇལ་འཕྲད་གནང་།
  ཡུས་ཀྲེན་ཧྲེང་གིས་ཀྲུང་གོ་དང་ཁམ་བྷོ་དི་ཡའི་མཛའ་མཐུན་འབྲེལ་བ་རྒྱུན་རིང་ཞིང་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཚད་མཐོ་བའི་ཡིད་ཆེས་བྱས་པ་དང་དཔལ་འབྱོར་ཐད་ནས་གཏིང་ཟབ་པའི་མཉམ་འབྲེལ་བྱས་པར་མ་ཟད། ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས། དབུ་བཞུགས་བློན་ཆེན་གཞོན་པ་ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཕེབས་ཏེ་རྒྱལ་སྲིད་ཨུ་ཡོན་དབྱང་ཅི་ཁྲི་དང་ལྷན་དུ་ཀྲུང་གོ་དང་ཁམ་བྷོ་དི་ཡའི་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ལྷན་གྱི་ཐེངས་གསུམ་པའི་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་གྲུབ་འབྲས་མངོན་གསལ་བླངས་ཤིང་། འདིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་འཕར་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས། ཀྲུང་གོའི་ཕྱོགས་ནས་ཁམ་བྷོ་དི་ཡའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁམ་བྷོ་དི་ཡ་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་སྔར་ལས་ལེགས་པའི་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།
  ཧི་ནན་ཧོང་གིས་ཀྲུང་གོ་ནི་ཁམ་བྷོ་དི་ཡའི་ཡིད་རྟོན་རུང་བའི་གྲོགས་པོ་ཡིན། ཁམ་བྷོ་དི་ཡས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧུར་བརྩོན་བྱ་འདོད། ཐེངས་འདིའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཕྱོགས་གཉིས་ལ་ཐུན་མོང་གི་ལྟ་ཚུལ་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་ཀྱི་ནུས་པ་འདོན་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1