ལི་ཁེ་ཆང་གིས་ཀྲུང་གོ་རུ་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་ཆེད་མཁས་པ་འགའ་ལ་བརྩེ་བའི་མཇལ་འཕྲད་གནང་ཞིང་མཉམ་དུ་བཞུགས་མོལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-12

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་ཞིང་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

  ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་ཁྱིམ་མི་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པར་མ་ཟད་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱས་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།

 ལི་ཁེ་ཆང་གིས་གསུངས་དོན། ཀྲུང་གོ་རུ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱ་ཆེའི་རྒྱལ་སྤྱིའི་གྲོགས་པོ་རྣམས་ཀྱིས་ལོ་གསར་པའི་ནང་དུ་མུ་མཐུད་དེ་ཀྲུང་གོ་དང་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་འགྲོ་བར་བློ་འདོན་ཇུས་འབུལ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས།། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1