དབྱི་ལིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིང་པའི་ཁེ་དབང་འགན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱས་པ། 

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-15


     ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཆེད་དུ་ཞིང་ཆེན་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་ཏུ་ཕྱིན་ནས་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་འགན་སྲུང་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱ་བ་དང་། ཚད་མཐོའི་འགན་འཁྲིའི་སེམས་པ་དང་མང་ཚོགས་ལ་བཅང་བའི་བརྩེ་དུང་ཟབ་མོས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལམ་ལུགས་ལག་བསྟར་དམ་འཛིན་བྱ་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱ་བ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་དགོས་པ་ནན་བཤད་གནང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1