ཁྲེན་ཏུའུ་ཀོ་ཤིན་ཁུལ་མེན་དབྱང་ཚན་རྩལ་གྲོང་གིས་ས་ཁོངས་བར་གྱི་མཐུན་སྦྱོར་གསར་གཏོད་བྱེད་ཚུལ་འཚོལ་ཞིབ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-15


    ཁྲེན་ཏུའུ་ཀོ་ཤིན་ཁུལ་དོ་དམ་ཨུ་ལྷན་དང་ཀྲུང་གོའི་(མེན་དབྱང)ཚན་རྩལ་གྲོང་དོ་དམ་ཨུ་ལྷན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཐོན་ལས་གོང་འཕེལ་དང་ཕྱི་ཕྱོགས་སྒོ་འབྱེད། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་། དཔུང་ཁག་འཛུགས་སྐྲུན་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

    གྲོས་མཐུན་ལྟར་ན།  ཕྱོགས་གཉིས་པོས་ཐོན་ལས་གཞན་སྒྱུར་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཕ་རོལ་བའི་ས་ཁོངས་སུ་ཞོར་གཏོགས་སྤྱི་གཉེར་ཁང་ངམ་ཡང་ན་ཡན་ལག་ལས་ཁུངས་འཛུག་པར་རྒྱབ་སྐྱོར་བྱེད་པ་མ་ཟད། འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ནས་ས་ཁོངས་མཐུན་སྦྱོར་གསར་གཏོད་བྱེད་ཚུལ་འཚོལ་ཞིབ་གང་ཐུབ་བྱ་རྒྱུ་རེད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1