སི་ཁྲོན་གྱི་རླངས་འཁོར་ཐོན་ཚད་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-15


    མིག་སྔར། གསར་འགོད་པས་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར་རང་རེའི་ཞིང་ཆེན་གྱིས་རླངས་འཁོར་ཁྲི་105.1བཟོ་སྐྲུན་བྱེད་པ་མངོན་འགྱུར་བྱས་ཡོད་ལ་དུས་མཚུངས་སུ་བསྡུར་ན་9.1% འཕར་ཡོད། འདི་ནི་རང་རེའི་ཞིང་ཆེན་གྱི་རླངས་འཁོར་གྱི་ཐོན་ཚད་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་རེད། 
    དུས་མཚུངས་སུ། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་དེ་རང་རེའི་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྱོང་བྱ་ཡུལ་དུ་གྱུར་པ་དང་། རང་རེའི་ཞིང་ཆེན་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་ཁྱབ་བསྒྲགས་བྱས་ནས། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་15མངོན་འགྱུར་བྱ་བ་དང་། རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། ཐོན་ནུས་རླངས་འཁོར་ཁྲི་30ལ་ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན་པ་གསལ་པོར་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1