སི་ཁྲོན་མཐོ་སྒང་གི་བོད་རིགས་ས་ཁུལ་དུ། དབུལ་སྒྲོལ་འགག་སྒྲོལ་ལས་མི་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 02-15


    སི་ཁྲོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་ལག་བསྟར་གཏིང་ཟབ་བྱ་ཆེད། མཐོ་སྒང་བོད་རིགས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་པོར་དམིགས་ཏེ་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས། སྲིད་ཇུས་གནད་སྨིན་སྤྱོད་པ་དང་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། ལྕགས་ལ་རྟགས་དང་རྡོ་ལ་ལག་རྗེས་འཇོག་པའི་སྙིང་སྟོབས་ཀྱིས་རིམ་པ་ལྟར་དུ་འགན་ཁྲི་འགན་ལེན་དམ་འཛིན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལས་མི་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱས། 
    ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དཀར་མཛེས་ཁུལ་དུ་ལས་གཞི་1236ལག་བསྟར་བྱ་བ་དང་།རྔ་བ་ཁུལ་གྱི་གནད་འཛིན་བྱས་པའི་དབུལ་པོའི་མི་འབོར་ཁྲི་8ལྷག་དབུལ་ཕོངས་གྲོང་ཚོ་606ནང་དུ་འདུས་ཡོད་པ། མུ་ལི་རྫོང་དུ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་5301དང་དབུལ་ཕོངས་མི་གྲངས་ཁྲི་2.26ལ་བསྐྱར་དུ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ། ལོ་གསུམ་གྱི་འཆར་གཞིའི་ནང་གཅིག་བསྡུས་འགག་སྒྲོལ་བྱས་ནས། 2018ལོར་སླེབས་སྐབས་རྫོང་ཡོངས་ཀྱི་གྲོང་ཚོའི་དབུལ་ཕོངས་མི་འབོར་ལ་གཞི་རྩའི་ཐོག་ནས་དབུལ་ཕོངས་ངོ་མ་ཞེས་པ་མེད་པར་བྱ་བ་དང་། གྲོང་ཚོ་དབུལ་པོ་97གྱི་དབུལ་པོའི་ཞྭ་མོ་ཕུད་པར་བྱ་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1