ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་བྱེད་པར་ཉམས་མྱོང་བསོག་ནས་མིག་དཔེ་སྟོན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-19


     ཝང་ཏུང་མིང་གིས་ཁྲེན་ཏུའུ་དང་ཏའེ་དབྱང་། མེན་དབྱང་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ལེགས་ཆ་འདོན་སྤེལ་དང་གོ་སྐབས་དམ་འཛིན། གནས་བབ་དང་བསྟུན་ནས་འཕེལ་རྒྱས་སུ་བསྐྱོད་དགོས། ཞིང་ཆེན་ཡོངས་ཀྱིས་ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་བྱེད་པར་ཉམས་མྱོང་གསོག་འཇོག་བྱེད་པར་མིག་དཔེ་སྟོན་དགོས། ལོ་སར་དུས་ཆེན་འདས་མ་ཐག 

   སྤྱི་ཟླ་2པའི་ཚེས་17ནས་ཚེས་18བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཆེད་དུ་ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་གྱི་ཏའེ་དབྱང་གྲོང་ཁྱེར་དང་མེན་དབྱང་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་གནང་། གྲོང་ཁྱེར་གསུམ་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཞིང་ཨུའི་གལ་ཆེའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཀྱི་ཚོད་ལྟའི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1