༄༅།། རྩ་ཁྲིམས་ནང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཕྱོགས་སྐོར་བཏོན་པའི་ རྩ་བའི་བླང་བྱ་ནི་ཅི་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-24


  《རྩ་ཁྲིམས།》ཀྱི་གླེང་གཞིའི་ནང་གཏན་འབེབས་བྱས་པ་ལྟར་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་པའི་རྒྱལ་ཁབ་ཅིག་ཡིན་ཞིང་།  འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རང་ཚུགས་ཟིན་པར་མ་ཟད།  དེའི་ཤུགས་མུ་མཐུད་དུ་ཆེ་རུ་འགྲོ་ངེས་ཡིན། 
  མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་དུ། མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ལ་གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པ་དང་ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱ་དགོས།   རྒྱལ་ཁབ་ཀྱིས་གང་ཅི་ནུས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་སྐུལ་འདེད་བྱེད་ངེས་ཡིན།  
  དོན་ཚན་4པའི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་ཞིང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་།  མི་རིགས་ཁག་བར་གྱི་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་སྤེལ་བྱ་རྒྱུ།  མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1