ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


     སྤྱི་ཟླ་2པའི་ཚེས་23ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་རེའི་ཞིང་ཆེན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་དང་། ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན། 《ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་2016 ལོའི་ལས་ཀའི་གཙོ་གནད།》དང་《ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་རྒྱལ་དབང་ཁེ་ལས་ཀྱི་དེང་རབས་ཅན་བཅོས་སྐྱོང་ལ་སྐུལ་འདེད་གཏང་བའི་སྐོར་གྱི་བསམ་འཆར།》 《ཞིང་ཆེན་གཞུང་ཁོངས་ཁེ་ལས་ཀྱི་ལས་འཛིན་པའི་ལྷན་ཚོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་བ་དང་ཆེད་ལས་ཕྱི་ཕྱོགས་ལས་འཛིན་དཔུང་ཁག་འཛུགས་པའི་སྐོར་གྱི་བསམ་འཆར།》སོགས་ལ་གྲོས་ཞིབ་བྱས།།
    ཚོགས་འདུའི་ཐོག་《ཞིང་ཆེན་གཞུང་ཁོངས་ཁེ་ལས་ཀྱི་ལས་འཛིན་པའི་ལྷན་ཚོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་བ་དང་ཆེད་ལས་ཕྱི་ཕྱོགས་ལས་འཛིན་དཔུང་ཁག་འཛུགས་པའི་སྐོར་གྱི་བསམ་འཆར།》སོགས་གྲོས་ཞིབ་དང་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་ད་དུང་ལས་ཀ་གཞན་དག་ལའང་ཞིབ་འཇུག་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1