འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔས་སི་ཁྲོན་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་མཛུན་སྟོན་བྱེད་པ་སྲ་བརྟན་དུ་གཏང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02


      ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ལྔ་གསལ་པོར་བཏོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབས་གསར་པའི་འོག་ཅི་ལྟ་བུའི་འཕེལ་རྒྱས་སུ་འགྲོ་དགོས་པ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ་གང་འདྲ་ཞིག་ལ་བསྐྱོད་རྒྱུའི་གནད་དོན་ཆེན་པོར་ལན་བཏབ་ཡོད། འདིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའམ་དེ་ལས་རིང་བའི་དུས་སྐབས་ཞིག་གི་འཕེལ་རྒྱས་ལ་ཁ་ཕྱོགས་མཛུབ་སྟོན་བྱས་ཡོད། ང་ཚོས་གཏིང་ཟབ་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔས་སི་ཁྲོན་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་མཛུན་སྟོན་བྱེད་པ་སྲ་བརྟན་དུ་གཏང་ནས་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བརྩམ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1