རོང་བྲག་རྫོང་གིས་བདེ་ལེགས་ངང་“ཡོད་པ་དྲུག”གི་ཆ་འཕྲིན་ཕབ་འཇུག་ལས་ཀ་ལེགས་གྲུབ་བྱུང་ཡོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-02


     ཡང་དག་པ་དང་ཁྱོན་ཡོངས་ནས་རོང་བྲག་རྫོང་གི་དབུལ་པོའི་དུད་ཚང་གི་གཞི་རྩའི་ཆ་འཕྲིན་ཕབ་འཇུག་བྱེད་ཆེད། རོང་བྲག་རྫོང་གིས་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱེད་པ་དང་། དུས་ཐོག་ཏུ་བཀོད་སྒྲིག་དམ་ཟབ་བྱས་ཤིང་། མི་སྣ་དང་ར་བ། གསོ་སྦྱོང་། ཕབ་འཇུག ཞིབ་བཤེར་བཅས་གཅིག་བསྡུས་བྱས་ནས། དམ་ཏིག་ངང་དབུལ་གྲོལ་འགག་སྒྲོལ་གྱི་“ཡོད་པ་དྲུག”གི་ཆ་འཕྲིན་དོ་དམ་སྟེགས་བུའི་གཞི་གྲངས་ཕབ་འཇུག་ལས་ཀ་ཡག་པོ་སྒྲུབ་པ་རེད།
     སྤྱི་ཟླ་2པའི་ཚེས་26ཉིན་གྱི་སྔ་དྲོའི་བར་དུ། རོང་བྲག་རྫོང་གི་ཁྱོན་ཡོངས་ནས་དུད་ཚང་2156གི་མི་གྲངས་8041གི་ཆ་འཕྲིན་ནང་འཇུག་ལས་ཀ་སྒྲུབ་ཟིན། མིག་སྔར་གོ་རིམ་ལྡན་པའི་སྒོ་ནས་གཞི་གྲངས་བསྐྱར་ཞིབ་དང་རང་བཤེར་ལས་ཀ་སྤེལ་བཞིན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1