འབྱུང་འགྱུར་ལོ་5རིང་ལ་སི་ཁྲོན་གྱིས་ལོ་རེར་དཀལ་ངལ་ཡོད་པའི་དུད་ཁྱིམ་གྱི་ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་1000ལ་རོགས་སྐྱོར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


       ཉེ་ལམ། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་《སི་ཁྲོན་ཞིང་ཆེན་གྱི་ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ནད་གསོ་རོགས་སྐྱོར་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི།》པར་འགྲེམས་བྱས།  ཇུས་གཞི་ལྟར་ན། 2016ལོ་ནས་2020ལོའི་བར། ལོ་རེར་དཀའ་ངལ་ཡོད་པའི་དུད་ཁྱིམ་གྱི་ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་1000ལ་གཤག་བཅོས་དང་ནད་གསོ་སྦྱོང་བརྡར། རམ་འདེགས་ལག་ཆའི་འོས་སྦྱོར་ཞབས་འདེགས་ཞུ་རྒྱུ་རེད། དེའི་ཁྲོད་ཡུལ་ཁུལ་ཆེན་མོའི་བཞིའི་(མཐོ་སྒང་བོད་ཁུལ་དང་། ལའང་ཧྲན་ཆེ་ཆུང་གི་དབྱིས་ཁུལ་། ཆིན་པ་རི་ཁུལ།  ཝུའུ་མོང་རི་ཁུལ།)དབུལ་པོའི་རྫོང་(གྲོང་ཁྱེར་དང་ཆུས།)88ཀྱི་འགན་ཁུར་མི་སྣ་700དང་། དབུལ་པོའི་གྲོང་སྡེའི་རྫོང་(གྲོང་ཁྱེར་དང་ཆུས།)གི་འགན་ཁུར་མི་སྣ་300ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1