གངས་སྐྱོན་རྗེས་ཀྱི་སེར་ཤུལ་རྫོང་གི་མང་ཚོགས་ཀྱི་འཚོ་བ་གོ་རིམ་ལྡན་པར་གྱུར།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-25


      

      སྤྱི་ཟླ་3པའི་ཚེས་23ཉིན་གྱི་ཕྱི་དྲོར། བསྟུན་མར་ཉིན་ཞག་གཅིག་ལ་བབས་པའི་ཁ་བ་འབབ་མཚམས་བཞག་རྗེས་སེལ་ཤུལ་རྫོང་གི་གནམ་གཤིས་རིམ་བཞིན་ཇེ་ལེགས་སུ་གྱུར།

      བརྟག་ཞིབ་བྱས་པ་བརྒྱུད་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་དགུན་འགོ་ཚུགས་པ་ནས་བཟུང་སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དགུན་སྐྱེལ་དཔྱིད་བསུའི་ལས་ཀ་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དགུན་སྐྱེལ་དཔྱིད་བསུའི་དངོས་རྫས་གྲ་སྒྲིག་དང་དགུན་དུས་ཀྱི་འཚོ་བའམ་ཐོན་སྐྱེད་ཀྱི་གནས་ཚུལ་ལ་དོ་ཁུར་དང་རྒྱུས་ལོན་གསལ་པོ་བྱས་ཡོད། དུས་མཚུངས་སུ། ཐེངས་དེའི་ཁངས་ཆེན་འབབ་པའི་དུས་ཚོད་ཐུང་བ་དང་། དེའི་ཐོག་ལས་ཀའི་མྱུར་ཚད་མགྱོགས་པའི་རྐྱེན་གྱིས་ད་བར་དུ་སེལ་ཤུལ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་མ་རེད། དེ་ལས་གཞན། གནམ་གཤིས་སྡེ་ཁག་གིས་ངོ་སྤྲོད་བྱས་པ་ལྟར་ན། འབྱུང་འགྱུར་ཉིན་གསུམ་རིང་སེལ་ཤུལ་གྱི་གནམ་གཤིས་ཇེ་ལེགས་དང་དྲོད་ཚད་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1