སྡེ་རོང་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་རྨང་གཞི་སྲ་བརྟན་དུ་བཏང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-31


    ཉེ་ཆར། སྡེ་རོང་རྗོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་དཀར་མཛེས་ཁུལ་དང་སྡེ་རོང་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་བླང་བྱ་ལྟར། རྫོང་རིམ་པའི་འཕྲོད་བསྟེན་སྨན་བཅོས་དང་འཆར་ལྡན་བུ་བཙའ་སྡེ་ཚན་ཁག་གི་འཇོན་ཐང་ཅན་གྱི་མི་སྣ་བདམས་ཏེ་ལས་ཀའི་ཚན་ཁག་2རྩ་འཛུགས་བྱས་པ་དང་། སོ་སོའི་ཅུས་ཀྲུང་གཞོན་པས་སྣེ་ཁྲིད་བྱས་ནས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་12། དེ་མིན་རྫོང་རིམ་པའི་ལས་ཁུངས་སུ་ཕྱིན་ཏེ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ། དེ་བཞིན་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1