གསེར་རྟ་རྫོང་གི་2016ལོའི་དབུལ་སྒྲོལ་འགག་སྒྲོལ་ཚོགས་ཆེན་བདེ་བླག་ངང་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-31


    སྤྱི་ཟླ་3པའི་ཚེས་27ཉིན། གསེར་རྟ་རྫོང་གི་2016ལོའི་དབུལ་གྲོལ་འགག་སྒྲོལ་ཚོགས་ཆེན་གེ་སར་སྒྱུ་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཚོགས་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། གསེར་རྟ་རྫོང་གི་འདས་ཟིན་པའི་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཕྱོགས་བསྡོམས་གནང་། དེ་མིན་གསེར་རྟ་རྫོང་གི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་ཁྲོད་དུ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་དང་2016ལོའི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་ལས་འགན་བཀོད་སྒྲིག་བྱས། 
    ཐེངས་འདིའི་ཚོགས་འདུ་ལེགས་པོ་ཚོགས་པའི་ཆེད་དུ། གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་ཡུལ་ཤོག་དང་གྲོང་རྡལ་17གྱི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་ཤོག་གི་འགན་འཛིན་པ་རྩ་འཛུགས་བྱས་ཏེ་འདབ་པ་རྫོང་དང་ཧུང་ཡོན་རྫོང་སོགས་ས་གནས་ཁག་ཏུ་ཡུལ་སྐོར་ཐོན་ལས་དང་འབྲོག་ལས་ཐོན་ལས་སྐོར་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་6གིས་ལས་རིགས་24ཡི་འབྲེལ་ཡོད་ཚན་ཁག་ཁྲིད་དེ་སྔ་རྗེས་སུ་ཞིང་ཆེན་དང་ཁུལ་དུ་ཕྱིན་ཏེ་2016ལོའི་ལས་གཞིའི་རྣམ་གྲངས་སྦྲེལ་མཐུད་བྱས། ཟླ་བ་ཕྱེད་ཀའི་རིང་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་ཐེངས་12ལ་འཚོགས། སྔོན་གྱི་རྨང་གཞིའི་ལས་ཀ་མང་པོ་སྤེལ་བས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་མངོན་གསལ་དང་ལས་འགན་ཞིབ་ཚགས། འོས་འགན་དོན་དངོས་དང་མཐུན་པར་ཕན་ནུས་ཐོན།
    ཡུལ་ཤོག་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི། ཡུལ་ཤོག་གི་འགན་འཛིན་པ། རྫོང་རིམ་པའི་ཚན་ཁག་སོ་སོའི་འགན་ཁུར་པ། ཞིང་ཆེན་དང་ཁུལ་གཏོགས་ཁེ་ལས་སམ་ལས་དོན་སྡེ་ཚན་གྱི་འགན་ཁུར་པ། དབུལ་བོའི་གྲོང་སྡེ་89ཡི་ཧྲུའུ་ཅི་དང་པོ། ཀྲི་པུའུ་ཧྲུའུ་ཅི་བཅས་བཅས་ཁྱོན་བསྡོམས་མི་262ཚོགས་འདུར་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1