ལི་ཁེ་ཆང་གིས་སི་ཝེས་ཙེར་མནའ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནིས་ཏི་ཨ་མན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08


    སྤྱི་ཟླ་4པའི་ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེས་ཙེར་མནའ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནིས་ཏི་ཨ་མན་དང་མཇལ་འཕྲད་གནང་།
ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་སི་ཝེས་ཙེར་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་ཉིན་ཁྱེད་དང་གྲོས་མོལ་གནང་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱིས་རང་མོས་བཟོ་ཚོང་ཆོད་དོན་ལག་བསྟར་བྱས་པའི་ཉེ་བའི་ལོ་ངོ་གཉིས་ཀྱི་རིང་ལ། ཤུགས་ཆེན་པོས་བཟོ་ཚོང་མཉམ་ལས་འཕེལ་རྒྱས་སུ་བཏང་། ན་ནིང་ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་སྤྱིའི་ཆ་ནས་མར་འགྲིབ་པའི་རྒྱབ་ལྗོངས་འོག་ཀྲུང་གོ་དང་སི་ཝིས་ཙེར་གཉིས་ཀྱི་བཟོ་ཚོང་གོང་འཕེལ་བྱུང་བ་རེད། ཀྲུང་གོའི་ཕྱོགས་ནས་སི་ཝེས་ཙེར་དང་མཉམ་དུ་སྲོལ་རྒྱུན་མཛའ་འབྲེལ་དར་སྤེལ་དང་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་བཟོ་ཚོང་དང་དངུལ་རྩ་གཉིས་སྐུལ་ཤུགས་སུ་འཛིན་པ་དང་གསར་གཏོད་མཉམ་ལས་ཀྱི་འཕར་སྣོན་གསར་པར་དམིགས་ནས་ཀྲུང་གོ་དང་སི་ཝེས་ཙེར་གྱི་མཉམ་ལས་མགྱོགས་མྱུར་ངང་རིམ་འཕར་བྱུང་བར་སྟོབས་ཤུགས་འདོན་པ་མ་ཟད། མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་བར་གྱི་འབྲེལ་བའི་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་ཀྱི་ནུས་པ་འདོན་འདོད་ཅེས་བསྟན།
    ཧྲི་ནིས་ཏི་ཨ་མན་གྱིས་སི་ཝེས་ཙེར་དང་ཀྲུང་གོས་རང་མོས་བཟོ་ཚོང་ཆོད་དོན་ལག་བསྟར་བྱས་པའི་གནས་ཚུལ་ཤིན་ཏུ་ལེགས། དེས་ཤུགས་ཆེན་པོས་ཕྱོགས་གཉིས་ཀྱི་བཟོ་ཚོང་འགྲོ་འོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད། སི་ཝེས་ཙེར་དང་ཀྲུང་གོ་ནི་དོན་དངོས་ཀྱི་གཉིས་ཕན་གཉིས་རྒྱལ་གྱི་མཉམ་ལས་གྲོགས་པོ་ཡིན་པ་དང་དཔལ་འབྱོར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན། སི་ཝེས་ཙེར་ཕྱོགས་ནས་མུ་མཐུད་དུ་དངུལ་རྩ་དང་ཡུལ་སྐོར། ལུས་རྩལ་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་པ་དང་གཙོ་བོ་གསར་གཏོད་དང་མཐོ་རིམ་ཚན་རྩལ། རྩེར་སོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ཏེ་མུ་མཐུད་དུ་འབྲེལ་ཡོད་ཀྱི་སྟེགས་བུ་བསྐྲུན་པར་དཔྱད་ཞིབ་དང་མཉམ་ལས་གསར་པ་རྒྱ་སྐྱེད་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1