ཞི་ཅིན་ཕིང་གིས་སང་གྷ་ལའི་ཙུང་ལི་ཝེ་ཁི་མ་ཞིན་ཧ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-09


  སྤྱི་ཟླ་4པའི་ཚེས་8ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སང་གྷ་ལའི་ཙུང་ལི་ཝེ་ཁི་མ་ཞིན་ཧ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་སང་གྷ་ལ་གཉིས་ཀྱི་མཛའ་འབྲེལ་གྱི་རྒྱུན་རིང་ལ། ཁེ་ཕན་གཙོ་བོ་དང་གལ་ཆེ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་མཉམ་ལས་སྤེལ་བ་རེད། ཀྲུང་གོ་ཕྱོགས་ནས་སང་གྷ་ལ་དང་མཉམ་དུ་སྲོལ་རྒྱན་མཛའ་འབྲེལ་སྲ་བརྟན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལྷག་བསམ་རྣམ་དག་གིས་ཕན་ཚུན་ལ་རོགས་འདེགས་བྱེད་པ་དང་མི་རབས་ནས་མི་རབས་བརྒྱུད་པའི་འཐབ་ཇུས་མཉམ་ལས་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ཙུང་ལི་ཝེ་ཁི་མ་ཞིན་ཧ་ཡིས་སང་གྷ་ལ་དང་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འབྲེལ་བའི་རྒྱུན་རིང་ཞིང་། ལྷག་བསམ་རྣམ་དག་གིས་ཕན་ཚུན་ལ་རོགས་འདེགས་བྱེད་པ་དང་མི་རབས་ནས་མི་རབས་བརྒྱུད་པའི་འཐབ་ཇུས་མཉམ་ལས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་བ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། སང་གྷ་ལའི་ཏང་ཁག་སོ་སོའི་ཐུན་མོང་གི་ངོས་འཛིན་ཡང་རེད། སང་གྷ་ལ་ཕྱོགས་ནས་ཧུར་ཐག་གིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱན་གཅིག་ལམ་གཅིག་གི་གྲོས་གཞིར་ཟབ་ཞུགས་བྱས་ཏེ་གོམ་གང་མདུན་སྤོས་སྒོས་གྲུ་ཁ་དང་གནམ་གྲུ་ཐང་སོགས་རྨང་གཞའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་ཚོང་དངུལ་འཇོག འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏང་འདོད་པར་མ་ཟད། རིག་གནས་བརྗེ་རེས་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1