ཀྲང་ཏེ་ཅང་གིས་ཨི་ཟི་རེལ་གྱི་གྲོས་དཔོན་ཨེ་ཏིར་སི་ཐན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-12


    སྤྱི་ཟླ་4པའི་ཚེས་11ཉིན། རྒྱལ་ཡོངས་དམངས་མི་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨི་ཟེ་རེལ་གྱི་གྲོས་དཔོན་ཨེ་ཏིར་སི་ཐན་དང་གྲོས་མོལ་མཛད།
    ཀྲང་ཏེ་ཅང་གིས་ཀྲུང་གོ་དང་ཨི་ཟི་རེལ་གྱིས་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ལྷག་པར་ཉེ་་བའི་ལོ་འདི་གའི་རིང་ལ། ཀྲུང་ཞི་ཞི་ཅིན་ཕིང་དང་ཨི་ཟི་རེལ་འགོ་ཁྲིད་ཀྱིས་ཐེངས་མང་པོར་མཇལ་འཕྲད་གནང་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་། ཀྲུང་གོ་དང་ཨི་ཟི་རེལ་གཉིས་ལ་ལོ་རྒྱུས་སྟེང་ལུས་པའི་གནད་དོན་དང་ཁེ་ཕན་གྱི་འགལ་བ་མེད་པས་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐད་ལ་ཚད་མཐོ་བའི་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་ལྟར་ད་ལྟའི་མཉམ་ལས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པར་མ་ཟད། ཞིང་ལས་དང་ཁོར་སྲུང་། ཚན་རྩལ་གསར་གཏོད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཨི་ཟི་རེལ་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།
    ཨེ་ཏིར་སི་ཐན་གྱིས་ཨི་ཟི་རེལ་གྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། ཨི་ཟི་རེལ་དང་ཀྲུང་གོའི་མཛའ་འབྲེལ་གྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཕན་ནུས་གལ་ཆེན་འདོན་ཐུབ་པ་མ་ཟད། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་འདོན་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད། ཨི་ཟི་རེལ་གྱི་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བར་གྱི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1