ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་པོར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-15


          སྤྱི་ཟླ་4པའི་ཚེས་15ཉིན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་པོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་རྒྱལ་ཁབ་གཞི་བརྟན་དང་མི་དམངས་བདེ་འཁོད་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་རེ་བ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མི་དམངས་བདེ་འཁོད་ལས་བརྩོན་ཁག་ཐེག་བྱ་དགོས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དོན་དག་གལ་ཆེན་ཡིན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་འཛུགས་པའི་གོ་སྐབས་དང་བསྟུན་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་མཛུབ་ཁྲིད་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དང་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་ཟབ་ཏུ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཆེར་གཏང་དགོས་ཞེས་བསྟན།

          2014ལོའི་ཟླ་4པའི་ཚེས་15ཉིན། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་འཐབ་ཇུས་བསམ་བློ་གལ་ཆེན་བཏོན་ཞིང་། གནས་བབ་གསར་པའི་འོག་གི་རྒྱལ་ཁབ་བདེ་འཇགས་ལས་ཀར་གཞི་འཛིན་ས་གལ་ཆེན་གཏན་ཁེལ་བྱས། 2015ལོའི་ཟླ་7པའི་ཚེས་1ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅོ་ལྔ་པར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས།》གཏན་འཁེལ་བྱས་པ་དང་། ལོ་རེའི་ཟླ་4པའི་ཚེས་15ཉིན་དེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་གཏན་ཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1