ཁྲེན་ཏུའུ་རིག་རྩིས་སློབ་གླིང་གིས་དཀར་མཛེས་ཁུལ་ལས་རིགས་སློབ་གྲྭའི་ཁ་གཏད་རོགས་སྐྱོར་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-15


     སློབ་གསོ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། 2014ལོའི་ཟླ་6པ་ནས་བཟུང་། ཁྲེན་ཏུའུ་རིག་རྩིས་སློབ་གླིང་དང་ཞིང་ཆེན་ནང་ཁུལ་གྱི་གསར་དུ་བཙུགས་པའི་དམངས་གཉེར་དངོས་གཞི་མཐོ་རིམ་སློབ་གྲྭ་3གྱིས་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་དང་དུ་བླངས།
     ཁ་གཏད་སློབ་གསོའི་བོད་སྐྱོར་གྱི་“རྒྱལ་ཁབ”རུ་ཁག་ནང་འདམས་པ་ནས་བཟུང་། ཁྲེན་ཏུའུ་རིག་རྩིས་སློབ་གླིང་གིས་སི་ཁྲོན་བོད་ཁུལ་གྱི་དམངས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་སི་ཁྲོན་བོད་ཁུལ་གྱི་འཕེལ་རྒྱས་བརྟན་གླིང་གི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུར་དམིགས་ནས། ཧུར་བརྩོན་གྱིས་དམངས་གཉེར་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་འགན་ཁུར་དང་གཞན་དོན་བསྒྲུབ་པའི་སྙིང་སྟོབས། སློབ་བཙུགས་ཁྱད་ཆོས་སོགས་མངོན་པ་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་བའི་སྟེང་གནད་སྨིན་དམིགས་འཛུགས་དང་གནད་སྨིན་ཤུགས་བཏོན་བྱས་ནས། སློབ་གསོའི་བོད་སྐྱོར་ལས་ཀ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་པས་སློབ་གསོ་པུའུ་ཡི་ཁས་ལེན་ཐོབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1