ཡུས་ཀྲེན་ཧྲེང་གིས་ཁོ་ཐེ་དི་ཝོར་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་སོ་ལོ་དང་མཇལ་འཕྲད་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-15


                སྤྱི་ཟླ་4པའི་ཚེས་14ཉིན། ཁོ་ཐེ་དི་ཝོར་དུ་རྒྱལ་དོན་མཚམས་འདྲི་བྱེད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་ཨ་པི་རང་དུ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་སོ་ལོ་དང་མཇལ་འཕྲད་གྲོས་མོལ་གནང་། 

                ཡུས་ཀྲེན་ཧྲེང་གིས་ཐོག་མར་སོ་ལོ་ལ་ཨུ་ཡོན་ཀྲང་ཀྲང་ཏའེ་ཅང་གི་མཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས། ཡུས་ཀྲེན་ཧྲེང་གིས་ཉེ་བའི་ལོ་ཤས་རིང་ཁོ་ཐེ་དི་ཝོར་གྱི་དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཅིང་འཕེལ་རྒྱས་ཀྱི་མྱུར་ཚད་མཐོ་འབྲིང་རིམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱི་རྟེན་འབྲེལ་ཞུས་པ་ཡིན། ཁོ་ཐེ་དི་ཝོར་གྱི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་ཕྱོགས་དང་འགྲོ་འོང་གོང་འཕེལ་གཏོང་བར་བརྩི་མཐོང་ཆེན་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཉེ་སྔོན་ཁོ་ཐེ་དི་ཝོན་གྱི་མངའ་ཁོངས་སུ་བྱུང་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཞེས་བསྟན། 

                སོ་ལོ་ཡིས་ཁོ་ཐེ་དི་ཝོར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་སོ་སོའི་མཉམ་ལས་ཀྱི་གྲུབ་འབྲས་ལ་ཡིད་མགུ་ཆེན་པོ་ཡོད་དེ། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1