ལི་ཁེ་ཆང་གིས་ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཐི་ཨིན་པོར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་ལོ་རེའི་ཙུང་ལིའི་མཇལ་འཕྲད་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-15


    སྤྱི་ཟླ་4པའི་ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཐི་ཨིན་པོར་དང་མཉམ་དུ་ཐེངས་བཞི་བའི་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་ལོ་རེའི་ཙུང་ལིའི་མཇལ་འཕྲད་སྤེལ། 

    ལི་ཁེ་ཆང་གིས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོར་གནས་པའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་44འཁོར་བའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་། ལྷག་པར་ན་ནིང་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་བདེ་བླག་ངང་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་རང་མོས་བཟོ་ཚོང་གི་ཆོད་དོན་བཀོད་དེ་ལག་བསྟར་བྱས་པར་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་མཉམ་ལས་ལ་སྟོབས་ཤུགས་གསར་པ་བསྣན། ཀྲུང་གོ་ཕྱོགས་ནས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད་ལ། ཨོ་སི་ཐྲ་ལི་ཡ་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་བརྩི་མཐོང་བྱེད་པ། ཁྱབ་ཁོངས་ཁག་གི་ཐུན་མོང་གི་ངོས་འཛིན་ལག་བསྟར་དང་འཐབ་ཇུས་ཡིད་ཆེས་གཏིང་ཟབ་ཏུ་སྤེལ་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད། འོས་མཐུན་གྱིས་འགལ་བ་ཐག་གཅོད་བྱས་ནས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་ཁྱོན་ཡོངས་འཐབ་ཇུས་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།

    ཐི་ཨིན་པོར་གྱིས་རྒྱལ་ཁབ་གཉིས་ཀྱི་རང་མོས་བཟོ་ཚོང་གི་ཆོད་དོན་བཀོད་པ་དང་ལག་བསྟར་བྱས་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨོ་སི་ཐྲ་ལི་ཡའི་ཙུང་ལི་གྱུར་བར་དགའ་སྤྲོད་ཆེན་པོ་སྐྱེས་བཞིན་ཡོད། ཨོ་སི་ཐྲ་ལི་ཡའི་ཕྱོགས་ནས་ཀྲུང་གོ་བཟོ་ཚོང་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པར་མ་ཟད་ཀྲུང་གོའི་དཔལ་འབྱོར་གྱི་སྦས་ཤུགས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཀོད་ཀྱིས་བསྐྲུན་པའི་གོ་སྐབས་ལ་འོས་མཐུན་གྱིས་བབ་བསྟུན་དང་བེད་སྤྱོད་བྱས་ཏེ་ཀྲུང་གོ་ཕྱོགས་དང་གསར་གཏོད་མཉམ་ལས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ལྷག་པར་ཀློག་རྡུལ་ཚོང་དོན་དང་ཞིང་ཕྱུགས་ལས། ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་དང་མཉམ་དུ་ས་གནས་དང་རྒྱལ་སྤྱིའི་ཞི་བདེ་བརྟན་བརླིང་དང་དཔལ་འབྱོར་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1