སི་ཁྲོན་གྱིས་ཕྱོགས་ཡོངས་ནས་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་གསོའི་སློབ་སྦྱོང་བྱེད་སྒོ་སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-15


    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་《ཏང་ཡོན་ཡོངས་ཀྱི་ཁྲོད་དུ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་མུ་འབྲེལ་གཏམ་བཤད་ལ་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་ཚད་ལྡན་པ་ཞིག་བྱེད་པའི་སློབ་གསོ་སྤེལ་པའི་ཇུས་གཞི།》པར་འགྲེམ་བྱས། ས་གནས་དང་སྡེ་ཁག་སོ་སོས་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་པའི་བརྡ་སྦྱོར་བཏང་།
    རང་རེའི་ཞིང་ཆེན་གྱི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་དོན་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་། གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་གསོ་ལས་ཀའི་ལས་ཁུངས་གསར་འཛུགས་དང་ལས་ཀའི་སྟོབས་ཤུགས་སོགས་ཀྱི་གཅིག་གྱུར་འཆར་འགོད་ལ་བཀོད་སྒྲིག་བྱས། གྲོང་ཁྱེར་དང་ཁུལ་21རྫོང་དང་གྲོང་ཁྱེར། ཆུས་183གྱི་ཏང་ཨུ་ཡིས་རིམ་པ་བཞིན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་དང་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་བསྡུས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་གྱུར་བྱས་ནས་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་གསོ་སྤེལ་བར་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། །  
                                                                         


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1