སི་ཁྲོན་གྱིས་གཉིས་སློབ་གཅིག་སྒྲུབ་ལག་བསྟར་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-20


      རང་རེའི་ཞིང་ཆེན་གྱིས་མིག་སྔར་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་བྱེད་པ་དང་། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ནས། ཏང་ཡོན་ཚད་ལྡན་ཞིག་བྱེད་པ་ཞེས་པའི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས།   ཅི་ཞིག་སྦྱང་པ་དང་། ཅི་ཞིག་བསྒྲུབ་པ། ཇི་ལྟར་སྦྱང་པ། ཇི་ལྟར་བསྒྲུབ་པ་བཅས་ཀྱི་ཐད་ལ་བླང་བྱ་གསལ་པོ་བཏོན་པ་མ་ཟད་དེའི་ཐད་ལ་བཀོད་སྒྲིག་གནང་། 
      གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་སྤེལ་པ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་གསར་པས་རྒྱ་ཆེའི་ཏང་ཡོན་དང་ཏང་ཡོན་ལས་བྱེད་པར་བཏོན་པའི་བླང་བྱ་གསར་པར་དམིགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོའི་རྨང་གཞི་ནི་སློབ་སྦྱོང་ཡིན་ལ། འགག་རྩ་ནི་ལག་ལེན་ཡིན་པ་རེད། རྒྱ་ཆེའི་ཏང་ཡོན་གྱིས་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་བྱེད་རྒྱུ་ནི་དམིགས་འཛིན་ས་དང་གཞི་འཛིན་ས་རུ་བྱས་ནས། སྦྱང་བསྒྲུབ་ཟུང་འབྲེལ་དང་སྦྱང་གིས་སྒྲུབ་ལ་སྐུལ་འདེད། སྦྱང་བ་གཏིང་ཟབ་ཏུ་གཏོང་བ། སྒྲུབ་པ་ནན་ཏན་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1