ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཚོགས་འདུའི་སྟེང་གཉིས་སློབ་གཅིག་སྒྲུབ་ཇུས་གཞིར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-20


      སྤྱི་ཟླ་4པའི་ཚེས་18ཉིན། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཐེངས་66པའི་ཏང་ཙུའུ་(རྒྱས་འཛོམས།)ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་དང་ཞིང་ཨུའི་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་བྱེད་པ་དང་། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ནས། ཏང་ཡོན་ཚད་ལྡན་ཞིག་བྱེད་པ་ཞེས་པའི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་ཇུས་གཞིར་ཞིབ་འཇུག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཀང་ཀྲིས་ཚོགས་འདུར་གཙོ་སྐྱོང་གནང་།
     ཚོགས་འདུའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སློབ་གཉིས་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་འགོ་ཁྲིད་ཚན་ཆུང་བཙུགས་རྒྱུ་དང་།  དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་ཚབ་ལས་ཀ འབྲེལ་གཏུགས་བྱེད་ས། དབུལ་སྒྲོལ་འགག་སྒྲོལ་སོགས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་སློབ་གསོའི་ལས་ཀ་དོན་འཁྱོལ་ཡོང་བར་དམ་འཛིན་ལེགས་པོ་བྱེད་པར་ཐག་གཅོད་བྱས།། 
 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1