ལི་ཁེ་ཆང་གིས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁར་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-20


  སྤྱི་ཟླ་4པིའ་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁར་དང་མཇལ་འཕྲད་གནང་། 
  ལི་ཁ་ཆང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་གལ་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་མི་གྲངས་ཆེས་མང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱང་རེད། ཕན་ཚུན་བར་ཞི་བདེ་མཉམ་གནས་དང་མཛའ་མཐུན་མཉམ་ལས་བྱེད་པ་དེ་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པར་མ་ཟད་འཛམ་གླིང་ལའང་ཕན་པ་ཡོད་པ་རེད། ཀྲུང་གོས་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། རྒྱ་གར་དང་མཉམ་དུ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་དང་འཐབ་ཇུས་ཡིད་ཆེས་གོང་འཕེལ། ཐུན་མོང་གི་ཁེ་ཕན་རྒྱ་སྐྱེད། འོས་མཐུན་སྒོས་འགལ་བ་དོ་དམ་ཚོད་འཛིན་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།
  ཕ་ལི་ཁར་གྱིས་ཉེ་བའི་ལོ་ཤས་རིང་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། ཕྱོགས་གཉིས་ཀྱི་མཐུན་སྒྲིལ་དང་འབད་པ་ཆེན་པོས་འོས་མཐུན་སྒོས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ནས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད་ལ། དེ་མིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་ལས་དོན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་བཟོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1