ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྔོན་མའི་ནོར་སྲིད་འགན་འཛིན་པ་པོར་སིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-20


  སྤྱི་ཟླ་4པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྔོན་མའི་ནོར་སྲིད་འགན་འཛིན་པ་པོར་སིན་དང་མཇལ་འཕྲད་གནང་། 
  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་བཅས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་བླངས་པ་ལས་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྟོབས་ཤུགས་ཆེན་པོ་མཚོན་ཡོད། ད་ལོའི་ཟླ་3པར། ང་དང་སྲིད་འཛིན་ཨོ་པ་མ་གཉིས་ཀྱིས་ཝ་ཧྲིན་ཐོན་ནས་མཇལ་འཕྲད་གནང་སྟེ་གོམ་གང་མདུན་སྤོས་སྒོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྐུལ་འདེད་དུ་གཏང་བའི་ཐད་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། གོ་རིམ་རྗེས་མར། ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་འདྲེས་ལ་ཤུགས་སྣོན་དང་མཉམ་ལས་ལ་དམ་འཛིན། འགལ་བ་ཚོད་འཛིན་དང་དོ་དམ་བྱས་ཏེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
  པོར་སིན་གྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཤིན་ཏུ་གལ་ཆེན་རེད། ཕྱོགས་གཉིས་ཀྱི་བཟོ་ཚོང་དང་ཁོར་ཡུག ཁ་དབུགས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྐུལ་འདེད་དུ་གཏོང་བའི་ཐད་ལ་ཕན་ནུས་གལ་ཆེན་འདོན་པ་རེད། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གཏན་འཁེལ་མིན་པའི་གནས་བབ་འོག ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བློ་བརྟན་འགྱུར་མེད་སྒོས་སྒྲིག་གཞི་རང་བཞིན་གྱི་སྒྲིག་བཅོས་བྱས་པར་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་བཞིན་འདུག ཀྲུང་གོས་གོམ་གང་མདུན་སྤོས་སྒོས་བཅོས་སྒྱུར་སྒོ་འབྱེད་བྱས་པ་ལས་ཨ་མེ་རི་ཁ་དང་ཀྲུང་གོའི་བཟོ་ཚོང་མཉམ་ལས་ལ་སྔར་ལས་ཡངས་པའི་བར་སྟོང་དང་རོགས་འདེགས་མཁོ་སྤྲོད་བྱས། དེ་མིན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་མགྱོགས་མྱུར་སྒོས་ཕྱོགས་གཉིས་ཀྱི་དངུལ་གཏོང་གྲོས་མཐུན་གྲོས་མོལ་སྤེལ་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏང་བའི་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1