ཞི་ཅིན་ཕིང་གིས་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-20


                སྤྱི་ཟླ་4པའི་ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཞི་ཅིན་ཕིང་གིས་པེ་ཅིང་དུ་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

                ཁོང་གིས་གསར་གཏོད་དང་མཐུན་སྦྱོར། ལྗང་འགྱུར། སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཛིན་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏང་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཁྲོད་རང་རྒྱལ་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ་དང་འཕེལ་ཕྱོགས་ཆེན་མོ་ཞིག་ཡིན། རང་རྒྱལ་གྱི་དྲ་འཕྲིན་ལས་རིགས་འཕེལ་རྒྱས་ལ་འཕེལ་ཕྱོགས་དེ་དང་འཚམ་དགོས་ཤིང་། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་ཐད་གོམ་གང་མདུན་སྤོས་སྒོས་དྲ་བའི་རྒྱལ་ཁབ་ཆེན་མོར་སྐུལ་འདེད་དང་རང་རྒྱལ་གྱི་དྲ་འཕྲིན་ལས་རིགས་གོང་འཕེལ་སྐུལ་འདེད་གཏང་སྟེ་མཉམ་སྦྲེལ་དྲ་བ་བརྒྱུད་ནས་རྒྱལ་ཁབ་དང་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་དགོས་ཅེས་ནན་གྱིས་བསྟན།

                ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་ལི་ཁེ་ཆིང་། ལིའུ་ཡུན་ཧྲན་ཚོགས་འདུར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1