ལུའུ་ཧྲན་ལ་ས་འགུལ་བྱུང་སྟེ་ལོ་འཁོར་གསུམ་ལོན་པའི་རྗེས་དྲན་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-21


                     སྤྱི་ཟླ་4པའི་ཚེས་20ཉིན་ལུའུ་ཧྲན་ས་འགུལ་ཆེན་མོ་བྱུང་སྟེ་ལོ་གསུམ་ལོན་པའི་རྗེས་དྲན་བྱེད་སྒོ་སྤེལ། ཉིན་དེའི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱིས་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་རྗེས་དྲན་བྱེད་སྒོ་སྤེལ་ནས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་དང་ཡོམ་འགོག་གེགས་སེལ་གྱི་ལས་ཀའི་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས། 

                     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུ་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའོ་གོ་ཀྲུང་བཅས་རྗེས་དྲན་བྱེད་སྒོར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1