ཉེ་ཆར་སྒྱུར་བཀོད་ཁྲོད་ཀྱི་ཐེན་ཅིན་ལམ་དང་ཁམས་བོད་ལམ་གྱི་སྣུམ་སྙིགས་བཏིངས་ནས་ལེགས་འགྲུབ་བྱུང་ལ་ཉེ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-21


     སྤྱི་ཟླ་4པའི་ཚེས་18ཉིན། གཡག་རྔ་གྲོང་ཁུལ་གྱི་ཐེན་ཅིན་ལམ་དང་ཁམས་བོད་ལམ་བསྒྱུར་བཀོད་རིམ་འཕར་ལས་གཞིའི་སྒྱུར་བཀོད་ཡུལ་དངོས་སུ་འདུ་འགོད་ཀྱིས་ཁེངས་འདུག འཛུགས་སྐྲུན་སྡེ་ཁག་གིས་ཡུལ་དངོས་ཀྱི་འཛུགས་སྐྲུན་ལ་འགན་སྲུང་གང་ལེགས་བྱས་པ་དང་། རྣམ་གྲངས་ཁག་གི་འགན་ཁུར་བས་ཉིན་རེ་བཞིན་ཡུལ་དངོས་སུ་ཚོགས་འདུ་འཚོགས་པ་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་ཀྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་ནས་དབྱེ་ཞིབ་དང་དཀའ་ངལ་སེལ་བའི་ཇུས་གཞི་བཏོན།
     རྣམ་གྲངས་འདི་ན་ནིང་ལོ་མཇུག་ལས་འགོ་ཚུགས་པ་ནས་ད་བར་དུ། ཁམས་བོད་ལམ་དང་ཐེན་ཅིན་ལམ་གྱི་གཡོན་ཕྱོགས་(བྱང་ངོས།)ལམ་དངོས་སྣུམ་སྙིགས་འདིང་བའི་ལས་ཀ་ཛ་དྲག་ངང་སྤེལ་བཞིན་ཡོད། ཟླ་4པའི་ཚེས་20ཉིན་སྣུམ་སྙིགས་འདིང་པའི་ཐོག་མ་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་མ་ཟད་རླངས་འཁོར་ཤར་གཏོངས་ཐུབ་པའི་ནུས་པ་གྲུབ་ཡོད། ཟླ་7པའི་ཚེས་20ཡི་སྔོན་དུ། ལམ་ཐིག་ཧྲིལ་པོའི་སྒྱུར་བཀོད་ལས་ཀ་ལེགས་འགྲུབ་བྱུང་ནས་བདེ་སྤྱོད་གཏོང་འགོ་བརྩམ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1