ཞི་ཅིན་ཕིང་གིས་འཕྲིན་ཞུའི་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-22


  སྤྱི་ཟླ་4པའི་ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཞུའི་ལས་ཀ་ལེགས་པོར་བསྒྲུབ་པ་དང་འོས་མཐུན་སྒོས་འཕྲིན་ཞུའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱོད་པ་དང་འབད་བརྩོན་ཆེན་པོས་འཕྲིན་ཞུའི་ལས་ཀའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས་དམངས་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་འདོད་ཐག་གཅོད་ལེགས་པོ་བྱ་དགོས་ཞེས་བསྟན། 

  ཞི་ཅིན་ཕིང་གིས་དེང་སྐབས་མང་ཚོགས་ཀྱི་འཕྲིན་ཞུའི་ལམ་ནས་མཚོན་པར་བྱས་པའི་གནད་དོན་འབུར་ཐོན་ལ་ཁ་ཕྱོགས་གསར་པ་འདུས་པར་མ་ཟད། དཀའ་གནད་རྙིང་བ་ཡང་འདུས། ཡིན་ནའང་དེ་དག་ཚང་མ་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་ཞིང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་དང་ཡང་འབྲེལ་བ་དམ་པོ་ཡོད་པ་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཐོང་ཆེན་བྱ་དགོས་པར་མ་ཟད། འགན་འཁྲི་དང་དུ་བླངས་ནས་བཅའ་ཁྲིམས་དང་སྲིད་ཇུས། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱེད་ཐབས་དང་། སློབ་གསོ་གཏང་བ་དང་འདུམ་སྒྲིག་བྱེད་པ། ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐབས་སྤྱད་དེ་མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་ཁེ་ཕན་ཐད་ཀྱི་རེ་འདོད་ཐག་གཅོད་ལེགས་པོ་བྱ་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1