བོད་ལྗོངས་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་རུ་དམངས་ཡོངས་དཔེ་ཀློག་གི་བྱེད་སྒོ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-25


               སྤྱི་ཟླ་4པའི་ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ཏེ། དཔེ་ཆའི་དྲི་བསུང་བོད་ལ་འཐུལ་ཞེས་པའི་དམངས་ཡོངས་དཔེ་ཀློག་བྱེད་སྒོ་དེ་བོད་ལྗོངས་སུ་སྤེལ། 

               ཉིན་དེ་ནས་བཟུང་རྒྱལ་གཅེས་རིང་ལུགས་ཀྱི་ལས་གཞི་རྟེན་གནས་ཏེ་དགེ་འདུན་ཆོས་འཕེལ་དྲན་གསོའི་ཁང་དུ་དཔེ་ཀློག་ཁང་ཕྱེས་ནས་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་དེབ་རིན་མེད་མཁོ་སྤྲོད་བྱས་པ་དང། ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་གླིང་དང་རེ་བའི་སློབ་ཆུང་སོགས་དམིགས་བསལ་སློབ་གྲྭར་དཔེ་དེབ་གྲངས་ཀ་1200ལྷག་ལེགས་སྐྱེས་སུ་ཕུལ་ཞིང་། ཆེད་མཁས་པ་གདན་འདྲེན་ཞུས་ཏེ་འཆད་ཁྲིད་དང་བཅར་འདྲི་སོགས་ཀྱི་བྱེད་སྒོ་སྤེལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1