ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་མཁའ་སྐྱོད་ཉིན་མོ་སླེབས་པར་དགོངས་འཆར་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-25


              སྤྱི་ཟླ་4པའི་ཚེས་24ཉིན་གྱི་སྐབས་དང་པོའི་ཀྲུང་གོའི་མཁའ་སྐྱོད་ཉིན་མོ་སླེབས་ལ་ཉེ་བའི་དུས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ལོ་ངོ་60ཡི་རིང་དུ་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པའི་བློ་མཐུན་རྒན་པ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས། རྒྱ་ཆེའི་མཁའ་སྐྱོད་ཚན་རྩལ་ལས་བྱེད་པས་འཐབ་ཇུས་ཀྱི་གོ་སྐབས་དམ་དུ་བཟུང་ནས་གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་བར་རྒྱུན་འཁྱོངས་ཏེ་ཚན་རྩལ་གྱི་ཡང་རྩེར་འཛེགས་པ་དང་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གི་ལེའུ་གསར་པ་སྐྲུན་དགོས་ཤིང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་མོར་ཞབས་ཞུ་དང་མིའི་རིགས་ཀྱི་བདེ་སྐྱིད་སྐྲུན་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས། 

              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་བླང་བྱ་གལ་ཆེན་བཏོན་ཞིང་མཁའ་སྐྱོད་ལས་རིགས་ཀྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས། 

              སྐབས་དང་པོའི་ཀྲུང་གོའི་མཁའ་སྐྱོད་ཉིན་མོའི་ཀྲུང་གོའི་ཕུགས་འདུན། མཁའ་སྐྱོད་ཀྱི་ཕུགས་འདུན་ཞེས་པའི་བརྗོད་དོན་བྱེད་སྒོ་ས་གནས་སོ་སོ་ནས་མུ་འབྲེལ་བྱེད་སྒོ་སྤེལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1